Tibetan and Himalayan Library - THL

THL Title Text
   

མི་ཉག་རྫོགས་ཆེན་སློབ་་གྲྭ། / Profile

Overview

མི་ཉག་རྫོགས་ཆེན་སློབ་གྲྭ་ནི་སི་ཁྲོན་ཞིང་ཆེན་དར་མདོ་རྫོང་ལྷ་སྒང་ཤང་

་ལྷ་བླ་མའི་ལུང་དུ་ཟིན་ཡང་ཐུན་མོང་མ་ཡིན་པའི་ཡུལ་བྱིན་རླབས་ཅན་གནས་མཆོག་རྡོ་ར་དཀར་མོ་ཞེས་པའི་མཚོ་ངོའི་ལས་སྨི་བཞི་སྟོང་ཡོད་པའི་མཐོ་སྒང་གི་ཡུལ་གྲུ་ཞིག་ན་བརྗིད་ཆགས་གེར་གནས་ཡོད། གནས་འདི་རུ་ལོ་ཆིག་སྟོང་གི་ཡར་སྔོན་ལ་གླིང་གེ་སར་རྒྱལ་པོ་སྒར་ཆགས་པ་དང་ཚོང་དཔོན་ནོར་བཟང་གིས་ཚོང་འབྲེལ་བྱེད་གནས་བྱས་ཏེ་གཟི་ཆུ་མིག་དགུ་པ་ས་གཏེར་སྦས་པ། དེའི་མ་ཚད། གསང་ངག་དམ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ཀྱང་དངོས་སུ་བྱིན་རླབས་ཕོག་ཡོད་པའི་སྐོར་གྱི་ལོ་རྒྱུས་ཞིབ་ཚགས་ཡོད་ཀྱང་སོ་སོའི་རྐྱེན་གྱིས་འདིར་བརྗོད་ཐབས་བྲལ།

   ༢༠༠༦གི་ལོའི་ཟླ་༨པར་རྫོགས་ཆེན་ཡིད་བཞིན་ནོར་བུའི་ཡང་སྤྲུལ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་ཡུལ་ཁམས་ཀྱི་དགོས་དབང་ལ་བསྟུན་ནས་མི་ཉག་རྫོགས་ཆེན་སློབ་གྲྭ་དངོས་སུ་ཕྱག་བཏབ་སྟེ་ལོ་དེའི་ཟླ་༩པར་དེ་གའི་འབྲོག་ཁུལ་གྱི་སློབ་ཕྲུལ་༦༠༠དངོས་སུ་སློབ་གྲྭར་བསྡུས་ཏེ་སློབ་གསོ་བྱས། གོང་རིམ་གྱི་རྒྱབ་སྐྱོར་དང་དགེ་སློབ་ཡོངས་ཀྱིས་ཧུར་བརྩོན་འོག་སློབ་གྲྭ་དབྱར་མཚོ་བཞིན་འཕེལ་རྒྱས་སོང་། མིག་སྔར་རང་རེའི་སློབ་གྲྭ་རུ་སློབ་མ་ཆིག་སྟོང་བཞི་བརྒྱ་ལྷག་དང་དགེ་རྒན་བརྒྱ་ཙམ་ཡོད།

སློབ་མ་ཡོངས་ཀྱི་སྦྱངས་འབྲས་དང་ཀུན་སྤྱོད་སོགས་གང་ཅི་ཐད་ནས་ཡར་རྒྱས་འགྲོ་དང་འགྲོ་བཞིན་པ་ཡོད་པས་གོང་རིམ་དང་མང་ཚོགས་ཀྱིས་ཀྱང་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

 


Sub-Projects


Organization has no sub-projects.


Loading...