Tibetan and Himalayan Library - THL

THL Title Text
   

བྲག་འགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་འབྲིང་། / Profile

Overview

 

གཙང་སྡེ་ཕྱུག་མོ་ནི་ཧོར་བྲག་འགོ་རྫོང་གི་ཤར་ཕྱོགས་སུ་གཞུང་ལམ་བརྒྱུད་ནས་སྤྱི་ལེ་བདུན་བཅུ་ཙམ་སོང་བའི་འཚམས་སུ་གནས་ཡོད།སྤྱི་ལེ་ལྔ་བཅུ་ཙམ་འགྲོ་འཚམས་སུ་ལག་ཟྭའི་ལ་ཆེན་བརྒལ།ས་དམར་ལ་ཆུང་བརྒྱུད་ནས་འགྲོ་དགོས།ལ་བརྒྱུད་ནས་སོང་རྗེས་ས་པད་མ་འདབས་བརྒྱད་ཀྱི་ཡང་སྟེང་གནམ་འཁོར་ལོ་རྩི་བརྒྱད་ཀྱི་མར་འོག་ན་མར་ཁུའི་མཚོ་ལ་འཁྱུར་བའི་སྡེ་ཆུང་།ལྷ་བླ་མའི་ཆོས་འཁོར་སྐོར་ས།གོང་དཔོན་པོ་ཁྲིམས་ལུགས་བརྟན་ས།འོག་འབངས་མི་ཆོས་དད་ཆེ་ས།སྐྱེ་ཤར་ལའི་ལུས་སྟོབས་ཆེ་ས།སྨན་བུ་མོས་གླུ་ཆུང་སྙན་ས།ནང་ཕུ་ནའི་མཐུན་སྒྲིལ་ཆེ་ས།འབྲུ་ཐུས་མའི་བུས་ཆུང་ཁྲིད་ས།རྟ་གྱི་ལང་གོམས་ལག་བདེ་ས།མར་ཆུར་བ་རི་རབ་བརྩིགས་བརྩིགས།དཀར་འོ་མ་རྒྱ་མཚོ་འཁྱུལ་འཁྱུལ།རྟ་ནོར་ལུག་རི་ལུང་བཀང་བཀང་ཞིག་ཆགས་ཡོད་པའི་གནས་མཆོག་ཁྱད་པར་ཅན་ནམ་ཡང་ན་བེེ་རོ་ཙ་ནའི་གནས་ཝ་སེང་བྲག་ཆེ་ཆུང་སོགས་ཁྱད་པར་ཅན་དེ་ལ་ཟེར་བ་ཡིན།སྙན་ངག་མཁན་གྱིས་བརྗོད་དཀའ་ལ་རི་མོ་མཁན་གྱིས་འབྲི་དཀའ་པའི་གནས་མཆོག་དེ་ནི་འཇམ་པའི་དབྱངས་ཀྱི་འཁྲུངས་ས།འཇང་ལྒང་བླ་མའི་གདན་ས་ཡིན་པར་གདའ  ཡུལ་དེ་དང་འབྲེལ་བ་ཆེ་བའི་གཙང་ར་ཧོར་དགོན་པ་ཁྱད་པར་དུ་འཇང་ལྒང་ཚུལ་ཁྲིམས་རྡོ་རྗེ་དང་འཇང་ལྒང་བསོད་ནམས་འགྱུར་མེད།འཇང་ལྒང་རྒྱ་མཚོ།འཇང་ལྒང་བསོད་ནམས་དཔལ་འབྱོར། འཇང་ལྒང་འགྱུར་མེད་རྡོ་རྗེ་སོགས་དང་ར་ཧོར་སྐུ་ཆེན་དང་ར་ཧོར་རྫོགས་སྤྲུལ་རིན་པོ་ཆེ།ར་ཧོར་སྤྲུལ་རྟ་ཁྱུང་རིན་པོ་ཆེ།ར་ཧོར་ཐུབ་བསྟན་སྐལ་བཟང་དང་མཁན་ཟླ་ཟེར།མཁན་ཐུབ་བསྟན།མཁན་ཀློང་པོས།མཁན་ཀུན་བཟང་སོགས་མཁས་བཙན་མང་པོ་ཞིག་འདིར་འཁྲུངས་ནས་ཆོས་ཀྱིས་འཁོར་ལོ་བསྐོར།གནས་སྒོ་མང་པོ་ཞིག་ཕྱེ་མྱོང་།དུས་ད་ལྟ་ཡང་དགོན་བདག་ནི་འཇང་ལྒང་བདེ་ལེགས་བཀྲ་ཤིས།འཇང་ལྒང་བློ་གྲོས་བཟང་པོ།འཇང་ལྒང་ཐག་མཆོག་བསྟན་འཛིན་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱིས་བསྐྱངས་ནས་དགོན་པ་ལ་བཤད་གྲྭ་དང་བསྒྲུབ་གྲྭ་སྒོམ་གྲྭ་སོགས་སྔར་ལས་ལྷག་པའི་སྒོ་ནས་དར་བཞིན་ཡོད།ཁོང་རྣམས་ཀྱིས་དཀའ་ཚགས་མང་པོ་ཞིག་བརྒྱུད་ནས་འོག་འབངས་མི་རྣམས་ཆོས་འོག་ཏུ་བཅུད་ནས་དགེ་བཅུ་ཁྲིམས་ལུགས་བཞགཐབས་ཤེས་མང་པོ་ཞིག་དཔྱད་ནས་ཁ་རྒན་གཞོན་མང་པོ་

ཞིག་ཡིག་རྨོངས་སེལ་ཕྱེར་རྒྱུ་དང་དཀའ་ཚགས་མང་པོ་བརྒྱུད་ནས་གྲོང་སྡེ་སོ་སོའི་ནང་དུ་

ཕེབས་ནས་ཡིག་རྨོངས་སེལ་དང་སེལ་བཞིན་ཡོད།གཙང་སྡེ་ཕྱུག་མོ་འདི་དགོན་པའི་གྲྭ་སེར་དང་རྒྱལ་ཁབ་ར་དང་རིམ་པའི་ཐུགས་ཁུར་དང་བཀའ་དྲིན་འོག་ཏུ་ཉིན་རེ་བཞིན་གདོང་མདངས་ཅེ་ལེགས་སུ་སོང་ནས་གཞོན་ཤ་དོག་པོར་འགྱུར་བཞིན་ཡོད།

 

 

 


Sub-Projects


Organization has no sub-projects.


Loading...