བསེ་བདུད་འདུལ་རྡོ་རྗེ། / Profile
Coordinator | Graduate Student
ང་ནི་ཝིར་ཇི་ནི་ཡཱ་སློབ་གྲྭ་ཆེན་མོའི་བོད་ཀྱི་མཉམ་ཞུགས་རིག་གནས་ལས་གཞིའི་ཟི་ལིང་གཞུང་ལས་ཁང་གི་མཐུན་སྦྱོར་པ་ཡིན་ལ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཀྱི་གནའ་རབས་རྩོམ་རིག་ཞིབ་འཇུག་འཛིན་གྲྭ་ནས་སློབ་སྦྱོང་བྱས་ཤིང་། མཛུབ་སྟོན་དགེ་རྒན་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི་བཀའ་སློབ་ལྟར་རྒྱ་གར་གྱི་པཎྟི་ཏ་རཱ་ཧུ་ལའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། བོད་ཀྱི་ས་མིང་རིག་གནས་ལ་སྲུང་སྐྱོབ་དང་ཉམས་པ་སོར་ཆུད། བོད་ས་གནས་མི་དམངས་ཀྱི་ཤེས་རིག་གི་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད་འདིར་གཙོ་ཆེར་ས་མིང་དང་ས་གནས་དཔེ་མཛོད་ཁང་གི་ལས་གཞིའི་བྱ་བ་སྒྲུབ་ཀྱིན་ཡོད།
Current Focus
ཉེ་ལམ་ཝིར་ཇི་ནི་ཡཱ་སློབ་གྲྭ་ཆེན་མོའི་བོད་ཀྱི་མཉམ་ཞུགས་རིག་གནས་ལས་གཞིའི་བྱ་བའི་འཆར་གཞི་ལྟར་ཟི་ལིང་སློབ་གྲྭ་ཆེན་མོ་ཁག་གི་སློབ་ཆེན་སློབ་མ་རྣམས་དང་ལྷན་དུ་མཚོ་སྔོན་གྱི་ས་མིང་རིག་གནས་ལས་གཞི་སྒྲུབ་བཞིན་ཡོད་པ་དང་། གཞན་མཚོ་སྔོན་གྱི་ས་གནས་སོ་སོར་དཔེ་མཛོད་ཁང་ངམ་རིག་གནས་ཞབས་ཞུའི་ལྟེ་གནས་འཛུགས་རྒྱུའི་བྱ་བར་འབད་བཞིན་ཡོད།
Future Goals
རང་རེའི་སྔ་རབས་ཕ་མེས་རྣམས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ལས་ཐོན་པའི་སྲོལ་རྒྱུན་རིག་གནས་དེ། དེང་རབས་ཀྱི་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་སྲུང་སྐྱོབ་དང་། མ་ཉམས་གོང་སྤེལ། ཉམས་པ་སླར་གསོ། འདི་ཉིད་ལ་སྔར་ལས་ལྷག་པའི་འཐུས་ཚང་དུ་བཏང་ནས་འཛམ་གླིང་རིག་གནས་ཀྱི་ཁྱིམ་རའི་ནང་སྔ་ན་མེད་པའི་གཟི་འོད་འབར་དུ་འཇུག་རྒྱུ་ནི་རང་ཉིད་ཀྱི་ཕུགས་བསམ་དང་བསམ་པའི་དམིགས་བྱ་ཉིད་དུ་བསྒོམས་ཡོད།
History
ང་མཚོ་སྔོན་རེབ་གོང་གི་མི་ཡིན་ལ། སྤྱི་ལོ༢༠༠༣ནས་༢༠༠༧ལོའི་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་དབྱིན་འཛིན་གྲྭ་ནས་བོད་ཡིག་དང་དབྱིན་ཇིའི་སྐད་ཡིག་ལ་སློབ་སྦྱོང་བྱས་ཤིང་། སློབ་སྦྱོང་གི་ཞོར་དུ་བོད་དབྱིན་འཛིན་གྲྭའི་གྲ་སྒྲིག་འཛིན་གྲྭ་གཉིས་ལ་བོད་ཀྱི་ལོ་རྒྱུས་སློབ་ཁྲིད་བྱས་པ་དང་། སློབ་མཐར་ཕྱིན་རྗེས་ཁམས་ཕྱོགས་སུ་སོང་ནས་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་བྱས་ལ། ཞོར་དུ་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་འགའ་ལ་རི་གྲོང་རྟོག་དཔྱོད་དུ་སོང་ནས་ཁམས་ཁུལ་གྱི་ས་གནས་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས་ལའང་རང་ནུས་ཀྱིས་རྒྱུས་ལོན་ཅུང་ཙམ་བྱས། སྤྱི་ལོ༢༠༠༩ལོ་ནས་ཡང་བསྐྱར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་ཀྱི་གནའ་རབས་རྩོམ་རིག་ཞིབ་འཇུག་འཛིན་གྲྭར་སློབ་སྦྱོང་བྱེད་མགོ་བརྩམས།
Interests
རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་དང་བོད་གངས་ཅན་གྱི་རིག་གནས་གཉིས་ནི་ཆུ་བོ་གཅིག་གི་མགོ་སྔ་ལྟར་འབྲེལ་ཆེ་ཞིང་། རྒྱ་གར་རིག་གནས་ཀྱི་ཆུ་རྒྱུན་རིང་མོ་བོད་དུ་འདྲེན་པའི་བརྒྱུད་རིམ་ཁྲོད་རྒྱ་བོད་ལོ་པཎ་ཇི་སྙེད་ཀྱིས་གཅེས་པའི་སྲོག་དང་དཀའ་བའི་སྡུག་ལ་མ་འཛེམ་པར་རང་སོ་སོའི་ནུས་རྒུ་རྩལ་དུ་བཏོན་ཡོད་ལ། རྒྱ་བོད་རིག་གནས་ཀྱི་རྒྱུ་འགྲུལ་ཁྲོད་བསུབ་ཏུ་མེད་པའི་མཛད་རྗེས་མང་པོ་ཞིག་བཞག་ཡོད། རིག་གནས་ཀྱི་རྗེས་ཤུལ་དེ་ཉིད་ལ་སློབ་སྦྱོང་དང་ཞིབ་འཇུག སྲུང་སྐྱོབ། མ་ཉམས་གོང་སྤེལ་དུ་གཏོང་རྒྱུ་ནི་རང་ཉིད་ཀྱི་འགན་འཁྲི་རུ་བསམ་ཡོད་ལ། དགའ་ཕྱོགས་ཀྱང་ལས་འདི་ཉིད་ལ་ཞིབ་ཏུ་འཇུག་རྒྱུ་དེ་ཡིན།
- Scholarly Disciplines
- ཉེ་རབས་ཀྱི་མདོ་སྨད་ལོ་རྒྱུས (1), དམངས་ཁྲོད་རྩོམ་རིག (1), བོད་ཀྱི་གནའ་རབས་རྩོམ་རིག (1)
- General Interests
- THL Cultural Geography Initiative (28)
- Places of Interest
- ་དབུས་གཙང་རུ་བཞི (1), མངའ་རིས་སྐོར་གསུམ (1), མདོ་ཁམས་སྒང་དྲུག (1)
Projects
Not a member of any projects.
Mailing Address
Xining
,Qinghai Province
,810008
CN
Direct Contact
| Email: | dudul@virginia.edu |
|---|
