Tibetan and Himalayan Library - THL

THL Title Text
   

གེ་འཕན་ལི་ཁོག་མ་ཞེས་པའི་འབྲོག་སྡེ།

Authorསྦྲ་རྒྱུད། རིག་པ་ཐོལ་སྐྱེས།
DateJanuary 10, 2011
Last updatedJanuary 10, 2011
Description

གེ་འཕན་ལི་ཁོག་མ་ཞེས་པའི་འབྲོག་སྡེ་ནི། སྲོལ་རྒྱུན་བོད་ཁུལ་གྱི་ས་ཁོངས་དབྱེ་ཚུལ་ལྟར་ན་བོད་གངས་ཅན་གྱི་ཤར་ལྷོའི་ཕྱོགས་སུ་གནས་ཤིང་། མདོ་ཁམས་སྒང་དྲུག་ལས་མི་ཉག་རབ་སྒང་གི་སྟོད་རྒྱུད་དམར་རྫ་སྒང་གི་ ཁོངས་སུ་གཏོགས་ལ། དུད་ཁྱིམ་སྟོང་ཕྲག་ལྷག་གིས་གྲུབ་པའི་འབྲོག་སྡེ་སྟོན་པ་དང་བསྟན་ པ་གཅིག་ཅིང་བླ་སྤྲུལ་དང་དགོན་གནས་གཅིག་པའི་ཆོས་གྲལ་དུ་འདུ་ཞིང་། མགོ་དཔོན་ དང་ཁྲིམས་སྲོལ་གཅིག་གིས་ལེགས་པར་སྐྱོང་བའི་འབྲོག་སྡེ་སྒེར་ཚུགས་བ་ཞིག་ཡིན་པར་འདོད། ད་ལྟའི་སྲིད་གཞུང་གི་ས་ཁོངས་དབྱེ་བགོད་ལྟར་ན། སི་ཁྲོན་ཞང་ཆེན་དཀར་མཛེས་ བོད་རིགས་རང་སྐྱོང་ཁུལ་ཧོར་བྲག་མགོ་རྫོང་གི་བྱང་ཤར་རྒྱུད་དུ་གནས་པའི་འབྲོག་སྡེ་ ཞིག་ཡིན། དེང་སྐབས་སྟོད་སྨད་གཉིས་སུ་དབྱེ་ནས་ཡོད་ཀྱང་དགོན་པ་གཅིག་གི་ཆོས་ སྡེ་རུ་གཏོགས་ཤིང་། ཆོས་ཚོགས་དང་སྤྲོ་ཚོགས། བསང་མཆོད་སོགས་ཆོ་ག་རྣམས་ནི་སྔར་ ལུགས་ལྟར་གཞི་གཅིག་ཏུ་སྤྱོད་ཀྱིན་ཡོད། དེ་བས་རང་སྡེའི་འདུ་ཤེས་སྔར་ལྟར་མ་ཉམས་ པར་གནའ་དེང་ཟུང་འབྲེལ་གྱི་ལམ་ནས་འཚོ་ཞིང་གནས་ཀྱིན་མཆིས། གཞན་ཡང་། སྔོན་ བྱོན་མཁས་གྲུབ་དམ་པ་དག་གི་ཚད་ལྡན་གྱི་གསུང་དང་། རྒན་པོ་རྣམས་ཀྱི་ངག་རྒྱུན་དུ་ གྲགས་པའི་གཏམ་སོགས་ལས་བྱུང་བའི་དངོས་ཡོད་ཀྱི་ལོ་རྒྱུས་དང་གནས་ཚུལ་རབ་དང་ རིམ་པ་ཞིག་ཡོད་ནའང་འདིར་དེ་ཙམ་གྱིས་འཐུས་པར་བྱས་པ་ཙམ་ཡིན།

Contact Information123456789
Expires onJanuary 10, 2011

Loading...